སྔོན་གླེང་།
ཕྱི་ལོ་ ༡༩༧༩ ལོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་ཛར་ལན་ཌིར་ཞབས་བཀོད་བཀའ་དྲིན་ཆེ་སྐབས། དམིཌ་བསལ་བཀའ་སློབ་ནན་ཏན་སྤྱི་ནོད་དགོངས་དོན་དང་། ཡོ་རོབ་བོད་རིཌ་གཞོན་ནུའི་མཐུན་ཚོགས་སོགས་འདི་ཕྱོགས་རང་རིགས་སྒེར་ཚོགས་ཁག་འགས་རེ་སྐུལ་གནང་དོན། དེང་དུས་ཕྱི་ནང་རྒྱབ་ཁབ་གང་སར་བོད་ཀྱི་གནས་སྟངས་དང་འབྲེལ་བའི་སྲིད་བྱུས་འཕོ་འགྱུར་རིམ་པའི་གོ་སྐབས་འདི་བསྟུན། རང་རིགས་གཞིས་བྱེས་གང་ན་མཆིས་སོ་ཅོག་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་རང་དབང་བདེན་པའི་འཐབ་རྩོད་འདིའི་ཐོག ཆིག་སྒྲིལ་གོང་བུའི་ནུས་པ་སྲ་བརྟན་འདོན་འོས་ལྷག་པར་སྐབས་སུ་བབས་པ་འདིའི་དགོས་དོན་རྩ་བཟུང་གིས། རང་རེའི་སྤྱི་དོན་ཐོག་ཏུ་ཞབས་འདེཌ་བསྒྲུབ་འོས་གང་ནུས་འབད་བརྩོན་ཞུ་ཕྱིར། འདི་ག་རྗར་མི་ནི་ནུབ་ཏུ་གནས་འཁོད་བོད་རིགས་ཕལ་ཆེ་བ་ཉེ་ཆར་ཕྱི་ལོ་ ༡༩༧༩ ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་ཚང་འཛོམས་ཐོག་ནས་རྗར་འཁོད་བོད་རིགས་ཚོགས་པ་འདི་བཞིན་དངོས་སུ་བཙུགས་པའི་དམིགས་ཡུལ་མང་མོས་ཐག་ཆོད་གཤམ་གསལ།
༡༽ འདིར་ཡོད་རང་རིགས་ནང་ཁུལ་མཐུན་སྒྲིལ་ནུས་ཤུགས་བསྐྱེད་ཐབས་དང་། ཕན་ཚུན་རོགས་རམ་གྱི་ནུས་པ་འདོན་ཐབས། དེ་བཞིན་ཉམས་མྱོང་དང་གནས་ལུགས་བཅས་སྤེལ་རེས་བྱ་རྒྱུ།
༢༽ རང་རེའི་རིགས་གཞུང་དང་། གོམས་གཤིས། སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་བྱ་རྒྱུ།
༣༽ ཚོགས་པ་འདི་ནས་རྡ་རམ་ས་ལར་རང་གཞུང་དང་འབྲེལ་བ་རྒྱུན་བསྟུད་བྱ་རྒྱུ་མ་ཟད། ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་ཚོགས་པ་ཁག་དང་འབྲེལ་བ་གང་ཟབ་བྱ་རྒྱུ།
༤༽ རྗར་མན་བོད་དོན་རོགས་རམ་ཚོགས་པ་ཡོད་མུས་འདི་ནས་བོད་མི་སྐྱབས་བཅོལ་བར་རོགས་རམ་མུ་མཐུད་ཡོང་ཐབས་རེ་འདུན་ཞུ་རྒྱུ་དང་། སྐྱོབས་གསོ་རོགས་རམ་བྱུང་རིགས་བོད་མི་སྐྱབས་བཅོལ་པ་རང་གི་ཐོག་ཏུ་བཏབ་སར་སྨིན་འཁྱོལ་ཡོང་བའི་བརྒྱུད་སྐུལ་བྱ་རྒྱུ།
༥༽ རོགས་རམ་ཚོགས་པ་ཁག་དང་། ཡེ་ཤུའི་ཆོས་པའི་རོགས་ཚོགས་ཁག་ལ་བོད་མི་སྐྱབས་བཅོལ་བར་དཔལ་འབྱོར་གྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
༦༽ རྗར་མན་ནུབ་འདིའི་མཐོ་རིམ་སློབ་གྲྭ་ཁག་དང་འབྲེལ་བའི་ཐོག་ནས་བོད་ཀྱི་རིག་གཞུང་ཉམས་སྤེལ་ཡོང་ཐབས་བྱ་རྒྱུ།
༧༽ གཞིས་བྱེས་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། རང་གི་ཐུན་མོང་མ་ཡིན་པའི་རྣམ་པ་བཅོས་མིན་གསལ་སྟོན་ཆེད་དུ་དྲིལ་བསྒྲགས་གང་ཐུབ་བྱ་རྒྱུ།
༨༽ ཕྱི་རྒྱལ་གྱི་གསར་ཤོག་རྣམས་ཀྱིས་མཚོན་པའི་དྲིལ་བསྒྲགས་ཁག་ནང་རང་རེའི་ཆོས་སྲིད་རིག་གཞུང་དང་། གཞིས་བྱེས་བོད་མིའི་གནས་སྟངས། ཕུགས་ཀྱི་རྩ་དོན་དང་བཅས་པར་གོ་དོན་ཕྱིན་ཅི་ལོག་ཏུ་བཀྲལ་བའི་གསལ་བསྒྲགས་ཐོན་པ་བྱུང་ཚེ། དེར་དྲང་བདེན་གྱི་ལན་འདེབས་ཐོག་ནས་ཕྱོགས་ན་མི་ཡོད་ཀྱི་དོན་གོ་ཚང་བ་བྱ་རྒྱུ་བཅས། རྗར་འཁོད་བོད་རིགས་ཚོགས་པས། ཕྱི་ལོ་ ༡༩༨༠ ཟླ་ཚེས་ལ།། གཙོ་འཛིན། ཨ་རྫི་ཚང་ཟླ་བ་ལྷ་མོ།