དང་བླངས་དཔྱ་དངུལ་ལག་དེབ།

དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།

༄༅། །དགོངས་མངའ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དགོངས་དོན་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་དགོས་པ་གཙོ་བོ་བོད་ཀྱི་ཡུལ་མིའི་ལས་འགན་དུ་གསལ་བའི་དང་བླངས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཁག་འབུལ་རྒྱུའི་ཆེད་དུ་ཡིན་ནའང་། བར་སྐབས་ཤིག་ནས་བོད་མི་གང་ཙམ་གྱིས་སོ་སོའི་དགོས་དབང་ལ་གཞིགས་པའི་ལོ་རྒྱུས་ལ་སྒྱུར་བཅོས་ཇི་བཏང་ཁག་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ལོ་རྒྱུས་ལའང་དེ་བཞིན་སྒྱུར་བཅོས་གཏོང་དགོས་པ་ཇི་བཞིན་མ་ཐུབ་པའི་གནས་སྟངས་ཡོད་མུས་འདི་ལས་བོད་མིའི་སྒྲིག་འཛུགས་དང་སྒེར་གཉིས་ཀར་དཀའ་ངལ་འཕྲད་མུས་ཡིན་པར། དང་བླངས་དཔྱ་དངུལ་ལག་དེབ་ནང་མིང་དང་སྐྱེས་ལོ་ཟླ་ཚེས་ཕུད་གཞན་ལོ་རྒྱུས་ལ་སྒྱུར་བཅོས་མ་ཐུབ་པའི་དཀའ་ངལ་སེལ་ཐབས་དང་། དེ་བཞིན་རིམ་པས་དེ་ལྟའི་ནོར་བཅོས་བྱ་དགོས་ཀྱིས་ལས་རྙོག་མེད་པ་བཟོ་ཐབས་སུ་༸དཔལ་ལྡན་བཀའ་ཤག་ནས་དགོངས་བཞེས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡ ནས་བཟུང་སོ་སོའི་མིང་དང་། སྐྱེས་ལོ་ཟླ་ཚེས། ཕ་ཡུལ། འདྲ་པར་བཅས་ལོ་རྒྱུས་སྙིང་བསྡུས་གསལ་བའི་ལག་དེབ་ཞིག་སྤྲོད་རྒྱུ་གཏན་འབེབས་གནང་སོང་བའི་ཆ་རྐྱེན་དང་། ཞུ་སྙན་འགེང་ཤོག ལམ་སྟོན་བཅས་ཀྱི་ཞིབ་གནས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་སོ་སོར་བཏང་ཟིན་པས་རིང་མིན་ཁུངས་ཁྱབ་ཡོང་རྒྱུ།

 

ཡང་དཔྱ་དེབ་གསར་བཟོ་དང་། ལོ་རྒྱུས་ལ་ནོར་བཅོས། དེ་བཞིན་བོར་བརླགས་བསྐྱར་བཟོ་བྱ་དགོས་ཀྱི་འགེང་ཤོག་དང་། ཆ་རྐྱེན་བཅས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ འཁོད་༧དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལ་རྩ་འཛིན་སོར་གནས་ཡིན་པ་མ་ཟད། ཕ་མའམ་ནང་མིའི་ལོ་རྒྱུས་དང་མཐུན་དགོས་པའི་ཆ་རྐྱེན་ཡང་སོར་གནས་བྱ་རྒྱུ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡ ནས་བཟུང་དཔྱ་དེབ་གསར་བཟོ་དང་ནོར་བཅོས། བོར་བརླགས་བསྐྱར་བཟོ་གང་ཡིན་ལའང་ལོ་རྒྱུས་སྙིང་བསྡུས་གསལ་བའི་དཔྱ་དེབ་སྤྱི་མཚུངས་སྤྲོད་རྒྱུ་ཡིན་པས། དེ་སྔོན་དཔྱ་དངུལ་ལག་དེབ་ནོར་བཅོས་ཆེད་འགེང་ཤོག་དཔལ་འབྱོར་ལས་ཁུངས་སུ་འབྱོར་ཟིན་པ་གང་ཞིག་ཆ་རྐྱེན་ཚང་མིན་གྱི་དོགས་དྲི་ཁུངས་སོ་སོར་སོང་ཟིན་པའི་གསལ་བཤད་ཡིག་ཆ་འབྱོར་བསྡད་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༥ ནང་ཚུད་འདི་གར་ཕུལ་འབྱོར་ཟིན་པ་དགོས་རྒྱུ་དང་། དེ་རྗེས་ ༢༠༡༤ ཟླ་ ༡༡ ཚེས་ ༣༠ ནང་ཚུན་ནོར་བཅོས་ཐུབ་རེ་བྲལ་བ་དང་གསལ་བཤད་མ་འབྱོར་བ་རིགས་ཀྱི་ཞུ་སྙན་རྩིས་མེད་ཀྱིས་ཁུངས་འབྲེལ་ཟིན་པ་བྱ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ།

དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༩ ལ།། 

Tibet Green Book དྭང་བླང་དཔྱ་ཁྲལ་ལག་དེབ།

༄༅། །རྒྱལ་ཞེན་མེ་ལྕེ་ལྟར་འཕྱུར་བའི་འཇར་འཁོད་བོད་རིཌ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། གོ་ལ་གཅིག་གྱུར་གྱི་གནས་བབ་དང་རང་རེའི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་པ་བཅས་ལས་ངེད་ཅག་གངས་ཅན་པ་རྣམས་འཛམ་གླིང་གང་སར་ཐོར་ནས་གནས་ཡོད་ཀྱང་། དྭང་བླང་དཔྱ་དངུལ་འབུལ་རྒྱུ་དང་། བོད་རང་དབང་བསྐྱར་གསོ། ཆོས། གོམས་གཤིས། སྐད་ཡིག་སོགས་མིི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་ནི་བོད་མིའི་ཤ་ཁྲག་ལ་བསྟེན་ནས་འཚོ་བར་རོལ་མཁན་གྱི་གང་ཟག་ཐམས་ཅད་ཀྱིས་མ་བསྐུལ་དྭང་ལེནགནང༌དགོས་པ་ནི་གླེང་ཅི་དགོས། དེས་ན་སྲི་ཞུ་སྒྲུབ་པའི་བརྒྱུད་ལམ་སྟབས་བདེ་ཤོས་ནི་དྭང་བླང་དཔྱ་འབུལ་རྒྱུ་དེ་ཡིན། མོད་ཀྱང་ཕྱི་ནང་གི་རྒྱུ་རྐྱེན་ལས་རང་རེ་འགའ་ཤས་ཀྱིས་དྭང་བླང་དཔྱ་དངུལ་འབུལ་རྒྱུ་ལུས་པ་དང། དྭང་བླང་དཔྱ་ཁྲལ་ལག་དེབ་མེད་པ་རིགས་དང་ཅི་མཆིས་པ་རྣམས། འཇར་འཁོད་བོད་རིཌ་ཚོགས་པའི་ས་གནས་སོ་སོའི་ཚོགས་གཙོ་ལ་འབྲེལ་བ་གནང་རོགས༎

༄༅། །སུད་སི་དོན་གཅོད་ཁང་ལ་དགོངས་སྐོར་ཞུས་ཏེ་གཤམ་གསལ་ཡུ་རོ་ཐོག་དཔྱ་ཁྲལ་ཚད་གཞི་གཏན་འབེབས་བྱུང་བ།།

 

རང་ལོ།   ༦    ཡན། ལོ་རེར་ཡུ་སྒོར ༢༧

རང་ལོ།   ༡༨   ཡན།

ལས་ཡོད་ལོ་རེར་ཡུ་སྒོར ༧༠ 
རང་ལོ།   ༡༨   ཡན། ལས་མེད་ནས་ལོ་རེར་ཡུ་སྒོར ༣༥
རང་ལོ།   ༡༨   ཡན། སློབ་མ་ནས་ལོ་རེར་ཡུ་སྒོར་ ༣༥

དང་བླང་དཔྱ་དངུལ་ལག་དེབ་ཀྱི་འགེངས་ཤོག

དཔལ་འབྱོར་ལས་ཁུངས་ནས་བཀའ་ཕེབས་དང་དཔྱ་དེབ་གསར་བཟོའི་ལམ་སྟོན་རྩ་འཛིན་དགོངས་དོན་བཞིན་དཔྱ་དེབ་གསར་བ་ཞུ་མཁན་རྣམས་ནས་ད་ཕྱིན་དཔྱ་དེབ་གསར་བཟོ་འགེངས་ཤོག་མཉམ་དུ་བོད་མི་དངོས་བདེན་ཡིན་པའི་ངོས་སྦྱོར་ཡང་བཀང་སྟེ་འབུལ་དགོས་འདུག་པས་དེ་དོན་དགོངས་འཇགས་ཞུ། 

རྒྱལ་དོན་མ་དངུལ་གྱི་དམིགས་ཡུལ་དང་དགོས་མཁོ། 

  • ༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་ཡོད་པའི་མཚོན་རྟགས།    
  • བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་འབྱོར་རྟག་ཏུ་གཞན་བསྟེན་ཁོ་ནས་འཚོ་མ་དགོས་པར་བོད་མི་རང་གིས་དྭང་དུ་བླངས་ནས་སོ་སོའི་གཞུང་ལ་མཐུན་འགྱུར་རྒྱབ་སྐྱོར་ཡོད་པ་མཚོན་ཐབས། 
  • བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་གནས་ཐུབ་ཐབས།   
  • དཔྱ་དངུལ་འབུལ་ན་བོད་ཀྱི་ཡུལ་མི་ཡིན་པར་ཁྲིམས་མཐུན་གྱི་ངོས་འཛིན་ཐོབ་ཐབས་བཅས་ཡིན།

༄༅། །དྭང་བླང་དཔྱ་ཁྲལ་འབུལ་དགོས་གྱི་དམིགས་ཡུལ་དང་དགོས་མཁོ་དེ་བཞིན་ལོ་རེར་དཔྱ་ཁྲལ་ཇི་འབྱོར་དང་དེས་བཙན་བྱོལ་གཞུང་ལ་ཐུགས་ཕན་ཇི་གསོ་སོགས་ཀྱི་ཐད་དཔལ་འབྱོར་དྲུང་ཆེ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས

 

Letzte Änderung: 27.10.2021 

22:00 CET

Herzlich willkommen auf Verein der Tibeter in Deutschland e.V. offizielle Homepage! Sie befinden sich auf der umfangreichsten Webseite zum Thema Tibet und Menschenrechte in deutscher Sprache.

Offizielle Mitteilung

Rede von Seine Heiligkeit dem Dalai Lama zu den Tibetern in Deutschland

Druckversion Druckversion | Sitemap

Satzung | Advertise with us! | Kontakt

© 2021 Verein der Tibeter in Deutschland e.V.