༄༅།༸གོང་ས་མཆོག་བཀའ་དྲིན་ཆེ།
"THANK YOU, YOUR HOLINESS!“
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་དགུང་གྲངས་༨༠་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་སྟོན་ཆེན་མོ།
༄༅། རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ། མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་སྐྱེ་འགྲོ་སྤྱི་དང་། ཁྱད་པར་གང་ཉིད་ཀྱི་གདུལ་ཞིང་དུ་བདག་གིར་བཞེས་པའི་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་སླད། ཕྱི་ལོ་༡༩༣༥ ཟླ་༧ ཚེས་༦་ཉིན་སྐུའི་མཚན་དཔེའི་མེ་ཏོག་རྣམ་པར་བཞད་ནས་ད་ལྟའི་བར་འཇེག་རྟེན་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་རིས་སུ་མ་ཆད་པའི་ཆོས་ལུགས་པ་དང་། ལྷག་པར་ཁ་བ་གངས་ཅན་པ་གཞིས་བྱེས་ཡོངས་ཀྱི་ཆེད། རླབས་ཆེན་དམིགས་བསལ་ཁུར་འཁྱེར་གྱི་མཛད་འཕྲིན་གསུམ་གྱི་ནུས་མཐུ་ཕྱོགས་དང་སྒོ་ཐམས་ཅད་ནས་ཀློང་དུ་བརྡོལ་བས། མུ་མཐའ་མེད་པའི་སྐྱེ་འགྲོ་ཡོངས་ཀྱིས་མགོན་སྐྱབས་དང་བླང་དོར་ལམ་སྟོན་གྱི་སྒྲོན་མེར་མཛད་ནས་ད་ཆ་དགུང་གྲངས་༨༠་ཕེབས་ཀྱི་ཡོད་པ་དང་། མགོན་པོ་གང་གི་ཆབ་འབངས་དང་སྐྱབས་འོག་དུ་གཏོགས་པའི་འཇར་མན་བོད་མི་ཡོངས་ཀྱི་བཀའ་དྲིན་ལ་རྗེས་དྲན་དང་། བླང་དོར་ལམ་སྟོན་ལ་བརྩི་འཇོག་གི་ཐོག་ནས་འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ། འཇར་འཁོད་བོད་རིགས་ཚོགས་པའི་གོ་སྒྲིགས་འོག་སྲུང་བརྩི་ཞུ་རྒྱུ་དང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་ཟབ་མོ་ཐོབ་ཡོད། བསྐལ་བཟང་གྱི་གོ་སྐབས་བཟང་པོ་འདིའི་ཐོག་ཕྱི་རྒྱལ་གྱི་གནད་ཡོད་ཆབ་སྲིད་མི་སྣ་དང་སྒྱུ་རྩལ་བ། ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སོགས་གདན་ཞུའི་ཐོག་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་དང། ཡུ་རོབ་སྤྱི་འཐུས་རྣམས་གཉིས་སོགས་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། མ་ཟད་བཀྲ་ཤིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་དེར་གླུ་གར་གྱི་རིག་གཞུང་འཁྲབ་སྟོན་བྱེད་མཁན་བོད་གཞུང་ཟློས་གར་ཚོགས་པ་ནས་འཁྲབ་སྟོན་པ་༡༨་དང་། རྒྱ་མི་དང་། སོག་པོ། ཨ་ཕི་རི་ཁ་སོགས་རྒྱལ་ཁབ་འདྲ་མིན་གྱི་གླུ་དབྱངས་རྒྱུ་རྩལ་བ་སྙན་གྲགས་ཅན་ཁག་་གཅིག་ནས་སྟོད་དབྱངས་ཀྱིས་མཆོད་པ་འབུལ་རྒྱུ་སོགས་ཀྱི་མཛད་རིམ་ཡོད།
སྤྱིར་འཇར་མན་བོད་རིགས་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་དང་། གཅིག་སྒྲིལ་གྱི་ནུས་པ། ལྷག་བསམ་བཟང་པོའི་མཐུན་འགྱུར་དང་རྒྱབ་སྐྱོར། དད་ལྡན་གཏོང་ཕོད་ཅན་རྣམས་ཀྱིས་དཔལ་འབྱོར་གི་མཐུན་རྐྱེན་ལ་བརྟེན་ནས་བྱ་བ་རྣམས་གང་ཙམ་ལེགས་འགྲུབ་བྱུང་བཞིན་ཡོད་ཀྱང་། ལས་དོན་གཞི་རྒྱ་ཆེ་ཞིང་འགྲོ་སོང་ཡུ་རོབ་བདུན་ཁྲི་ཙམ་དང་། འཁྲུངས་སྐར་ཉིན་མང་ཚོགས་ཀྱི་ཕྱག་ནས་ཆ་རྐྱེན་སོགས་བླང་གི་མེད་པར་རིན་མེད་ཡིན་དུས། རྣམ་པ་ཚོའི་ལྷག་བསམ་དང་ཀུན་སློང་བཟང་པོའི་ཐོག་ཞལ་འདེབས་གང་ཙམ་གནང་སྐྱོངས་ཡོང་པའི་རེ་སྐུལ་ཞུ་རྒྱུ་དང། སྐུའི་སྲུང་ཕྱ་སོགས་དང་འབྲེལ་བའི་མང་ཚོགས་ནས་ངེས་པར་དུ་མཁྱེན་དགོས་པ་སྐུའི་འཁྲུངས་སྐར་མཛད་སྒོ་ལ་ཕེབས་མཁན་རྣམས་ནས་སྤྱི་ཟླ་༥་ཚེས་༣༡་ནང་ཚུད་ལ་སོ་སོའི་ལག་ཁྱེར་པ་སི་pass་ནང་གི་མིང་དང་གཅིག་མཚུངས་ས་གནས་སོ་སོའ་ིའགན་འཛིན་རྒྱུད་འཇར་མན་བོད་རིགས་ཚོགས་པ་ལ་ངེས་པར་དུ་ཐོ་འགོད་ཞུ་དགོས།
བཀྲ་ཤིས་བདེ་ལེགས། ཚོགས་གཙོ་བློ་བཟང་ཕུན་ཚོགས་ནས།
ཚོགས་ཡུལ་ཁ་བྱང་།
JAHRHUNDERTHALLE FRANKFURT
Pfaffenwiese 301
65929 Frankfurt
Date and Time: 13 July 2015 Event beginns:14:00 Doors open: 12:30
འབྲེལ་བ་གནང་ཡུལ།
Association of Tibetans in Germany
Chair: Lobsang Phuntsok
CONTACT:
For Tibetan: Lobsang Phuntsok:
+49-228-9617 7176 / Handy: +49-1731820548
Email: lotsok@yahoo.com
For German and English: Jamyang L. Paldentsang:
Handy: +49-17683344977
Email: jayang1016@hotmail.de
Press Contact: Dalha Agyitsang:
Tel: +49-228241161 / Handy: +49-1756188251
Email: dagyitsang@gmx.de
Cultural Program: Dr. Palden Tawo:
Tel: +49-2351944753 / Handy: +49-1717877883
Email: ptawo@t-online.de
Fundraising: Puntsok Tsering:
Handy: +49-1719432805
Email: tsering@tibethaus.com
a l
དངུལ་ཁང་ཁ་བྱང།
OUR ASSOCIATION’S ACCOUNT:
POST BANK
ACCOUNT NUMBER: 0946147704
BANK CODE: 60010070
IBAN: DE29 600 100 700 946 147 704
BIC: PBNKDEFF
PURPOSE: 80th birthday of H.H. the
14th Dalai Lama
www.tibetgermany.de
ANNOUNCEMENT
༸གོང་ས་མཆོག་བཀའ་དྲིན་ཆེ།
"THANK YOU, YOUR HOLINESS!“
Celebration on the occasion of the 80th Birthday of H.H. the 14th Dalai Lama
It is our particular pleasure and honour to be able to announce that His Holiness will be present in person to celebrate this occasion with us. We are thus one of the very few organizations in the entire world to be allowed the privilege of celebrating his 80th birthday in his presence. It is our intention to use this festive occasion to thank His Holiness for his untiring commitment to international understanding between peoples, inter-confessional dialogue, and religious harmony, and for his commitment to the reconciliation of science and spirituality. The entire mission of His Holiness the Dalai Lama may be summed up in terms of his three pledges: - As a human being, His Holiness fosters secular ethics and human values such as love, compassion, forgiveness, tolerance, and self-discipline. - As a Buddhist monk, His Holiness is committed to harmony and understanding among the great world religions. Despite philosophical differences, they all have the same potential to awaken and foster the good in human beings. - As Dalai Lama, for his whole life His Holiness has been committed to the welfare of Tibet and the Tibetan people. In this, the preservation of Tibetan-Buddhist culture, a culture of peace and nonviolence, is particularly near to his heart. At the same time, we wish to use the opportunity to invite our German and other European friends to this festive event, in order to thank them for their decades of political support in our struggle for freedom. Among the prominent guests from the world of politics and the cultural programme too will be international, with various artists from six different nations. From India alone we expect 16 top-ranking members of the Tibetan Institute of Performing Arts, who will entertain us with interesting dance performances. All this strains our budget to breaking point, with expenditure of more than 70,000 Euros. But we wish to spare nothing when it comes to the quality of the venue and the make-up of the cultural programme. We trust our friends to support us financially by means of a donation to enable us to afford this financial cost. Please help us with a donation! Thank you!
OUR ASSOCIATION’S ACCOUNT: POST BANK ACCOUNT NUMBER: 0946147704 BANK CODE: 60010070 IBAN: DE29 600 100 700 946 147 704 BIC: PBNKDEFF PURPOSE:80th birthday of H.H. the 14th Dalai Lama VENUE: JAHRHUNDERTHALLE FRANKFURT Pfaffenwiese 301 65929 Frankfurt Date and Time: 13 July 2015 Event beginns: 14:00 Doors open: 12:30 Association of Tibetans in Germany Chair: Lobsang Phuntsok CONTACT: For Tibetan: Lobsang Phuntsok: +49 228-9617 7176 / Handy: +49 173 182 0548 Email: lotsok@yahoo.com For German and English: Jamyang L. Paldentsang: Handy: +49 176 83344977 Email: jayang1016@hotmail.de
Press Contact: Dalha Agyitsang: Tel: +49 228 241161 / Handy: +49 175 6188251 Email: dagyitsang@gmx.de
Cultural Program: Dr. Palden Tawo: Tel: +49 2351 944753 / Handy: +49 171 7877883 Email: ptawo@t-online.de
Fundraising: Puntsok Tsering: Handy: +49 171 9432 805 Email: tsering@tibethaus.com
www.tibetgermany.de