འཇར་འཁོད་བོད་རིཌ་མི་མང་ཡོངས་ལ་གལ་ཆེའི་གསལ་བསྒྲགས།

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ གོང་མིང་དེབ་སྐྱེལ་གནང་དགོས།

སྔོན་འགྲོ་འོས་བསྡུ་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༨ དང་དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠

Voter's Registration ends on 24 August 2015

Primary election on Sunday, 18 October 2015 / Final election on Sunday, 20 March 2016

Registrierung für die Wahlen endet am 24. August 2015

Vorwahlen finden am Sonntag, 18. Oktober 2015 und die Hauptwahlen am Sonntag, 20. März 2016 statt

 

Deutch-English-བོད་ཡིག་འདི་ནས་གཟིགས་རོགས >>>

༄༅།།མཁྱེན་ལྡན་ཡུ་རོབ་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀི་སྙན་ལམ་དུ་ཞུ་གསོལ།།

༢༠༡༥ལོའི་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ།

ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།

ཆེད་ཞུ།

 

ཚང་མའི་དགོངས་མངའ་བཞིན་བོད་ནང་དུ་རྒྱ་གཞུང་གིས་དྲག་པོའི་དཔུང་ཤུགས་ཁོ་ནའི་བེད་སྤྱོད་་དབང་བསྒྱུར་འོག་ཏུ་ཚུད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆོས་སྲིད་རིག་འབྱོར་སོགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བའི་ཐོག་ད་ལྟའི་ཆར་ཕྱོགས་ཡོངས་ནས་ཛ་དྲག་ཆེ་རུར་འགྲོ་བཞིན་པའི་སྐབས་འདིར། ཡུ་རོབ་བོད་རིགས་ཚོགས་པ་རྣམས་ཀྱིས་འགྲིན་དབྱངས་གཅིག་གྱུར་གྱི་སྒོ་ནས་བོད་དོན་གྲོས་ཆོད་བཞག་པ་གཞི་བཟུང་གིས། འཆར་ལོ་༢༠༡༥་ཟླབ་༣་ཚེས་༡༤་རེས་གཟའ་སྤེན་པའི་ཉིན་ཞོགས་པ་ཆུ་ཚོད་༡༡་དང་སྐར་མ་༣༠་ཙམ་ནས་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་ཞེས་བ་དེ། ཧྥ་རན་སིའི་རྒྱལ་ས་པ་རེ་སིའི་ས་ཆ་Trocadéro ནས་འགོ་འཛུགས་བྱས་ཏེ་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་འདི་ཉིད་སྤེལ་རྒྱུ་གཏན་འཁེལ་བྱུང་བར་བརྟེན། ཡུ་རོབ་གླིང་ཆེན་དུ་གནས་བཞུགས་རྒྱ་ཆེའི་བོད་རིགས་མི་མང་ཚང་མས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་ནང་དུ་ཆ་ཤས་ངེས་པར་དུ་ལེན་ཐུབ་པར་གནང་རོགས་ཅེས་སྙིང་ཐག་པ་ནས་འབོད་བསྐུལ་ཞུ་བཞིན་ཡོད། དེས་ན་ད་ལྟ་ནས་བཟུང་སྟེ་བོད་མི་ཚང་མས་སོ་སོའི་ལས་དཀའ་ནས་གང་མགྱོགས་་དགོངས་པ་ཞུ་ཕྱོགས་དང་། དུས་ཚོད་སྟབས་བསྒྲིགས་ཏེ་འགྲིམ་འགྲུལ་ལག་འཁྱེར་ཉོ་རྒྱུའི་གྲ་སྒྲིག་སོགས་ཚག་ཚུད་ཡོང་ཆེད་ད་ལྟ་ནས་གསལ་བསྒྲགས་གཏོང་བཞིན་ཡོད་མོད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཚང་མས་བོད་ཆས་གཙང་མ་གྱོན་ཏེ་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་ནང་བོད་མི་རང་ཉིད་ཕེབས་ཐུབ་པར་བྱ་རྒྱུ་མ་ཟད་སོ་སོའི་ངོ་ཤེས་པའི་བོད་ཀྱི་གྲོགས་པོ་ཡུལ་མི་གང་མང་མང་ཞིག་མཉམ་དུ་ཁྲིད་ཡོང་ཐབས་གནང་རོགས་ཞུ་རྒྱུ་བཅས།  འཇར་འཁོད་བོད་རིགས་ཚོགས་པ་ནས།

VTD Facebook ངོ་དེབ་་་

ནོ་བྷེལ་ཞི་བདེའི་ལྷན་ཚོགས་ཐེངས་༡༤པ་དེ་རོམ་གྱི་ནང་ཚོགས་གཏན་འཁེལ་ཡོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕྷི་རི་ཀའི་གྲོང་ཁྱེར་ཀེབ་ཊོན་ཏུ་འཛམ་གླིང་གི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ལྷན་ཚོགས་སུ་ཚོགས་བཞུགས་གནང་རྒྱུར་ཉེ་ལམ་ལྷོ་ཨ་ཕྷི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཝི་ས་མ་ཕུལ་བར་བརྟེན་། ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་སྐྱེས་མ་བཞི་ཐེ་བའི་ཞི་བདེ་གཟེངས་རྟགས་བཞེས་མཁན་གཞན་རྣམས་ཀྱིས་གོང་ཞུས་ལྷན་ཚོགས་ཀྱི་ནང་ཚོགས་ཞུགས་གནང་རྒྱུ་མིན་པའི་ངོ་རྒོལ་གནང་པར་བརྟེན་། ད་ཆ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ལྷན་ཚོགས་ཐེངས་༡༤པ་དེ་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ནང་། རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༢ནས་ཚེས་༡༤བར་ཚོགས་གཏན་འཁེལ་ཡོད་པ་མ་ཟད་སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་པ་སྐུ་ སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་གསུངས་ཡོད་པ་རེད།

ཨིརིའི་རླུང་འཕྲིན་ཁང་ནས།།།

༢༠༡༥ གསུམ་བཅུའི་དུས་དྲན་ཐེངས་ ༥༦ དེ་བཞིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་ Paris ལ་ཞི་བའི་རྔམས་སྟོན་ཧ་ཅང་ཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༥༦ འཁེལ་བཞིན་པ་དང་སྟབས་བསྟུན། ཉིན་དེར་ཡུ་རོབ་ཁུལ་གྱི་བོད་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པ་དེར་ཞི་བའི་རྔམས་སྟོན་ཧ་ཅང་ཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཆེད་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཕ་རན་སིའི་ རྒྱལ་ས་པེ་རི་སིར་ Paris ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ཀྱི་ཚོགས་གཙོ་སོགས་འདུ་འཛོམས་ཀྱིས་ལས་འགུལ་གོ་སྒྲིག་གི་ལྷན་ཚོགས་ཐེངས་དང་པོ་ཚོགས་འདུག སྐབས་དེར་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་དང་དབང་པོ་བཀྲས་མཐོང་ལགས། སུད་སི་བོད་རིགས་བུད་མེད་ཚོགས་པའི་ཚོགས་གཙོ། དེ་བཞིན་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཡུ་རོབ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་མཉམ་ཞུགས་གནང་འདུག ལས་འགུལ་གོ་སྒྲིག་ལྷན་ཚོགས་ཐེངས་དང་པོའི་སྐབས་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་གནང་འདུག སྐབས་དེར་ལས་འགུལ་སྤེལ་ཆེད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་དང་ལས་འགུལ་གྱི་འགྲོ་སྒྲོན་མ་དངུལ་སོགས་སྐོར་གོ་བསྡུར་གནང་བ་མ་ཟད། ལས་འགུལ་གོ་སྒྲིག་ལྷན་ཚོགས་ཐེངས་དང་པོའི་ཚོགས་གཙོས་མོས་མཐུན་འོག་ཚོགས་མི་རྣམས་ཀྱིས་ལས་འགུལ་དངོས་གཞི་སྤེལ་ཉིན་འབྲེལ་ཡོད་ཡུ་རོབ་རྒྱལ་ཁབ་ཁུངས་སོ་སོ་ནས་བོད་རིགས་གང་མང་འདུ་བསྐོང་བྱ་རྒྱུའི་ཐག་གཅོད་ཡང་བྱུང་འདུག ཕྱོགས་མཚུངས་གསུམ་དུས་ཐེངས་ ༥༦ མ་བསླེབ་གོང་ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་འདྲ་མིན་སྤེལ་འཆར་འདུག་པ་བཅས།། བོད་མིའི་སྒྲིག་འཛུགས་དྲ་བ་ནས།

༄༅། །ཡོ་རོབ་གནས་བཞུགས་བོད་རིགས་ཡོངས་ལ་གུས་ཞུ།

འཇིག་བརྟེན་སྤྱི་དང་བྱེ་བྲག་རང་རེ་ཁ་བ་གངས་ཅན་པའི་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་མགོན་༧སྐྱབས་གཅིག་པུ། གོང་ས་༧སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག། ཕྱི་ལོ་ ༢༠༡༥ ཟླ་ ༢ པར་སུད་སིར་འཆིབ་རྒྱུ་བཀའ་དྲིན་སྐྱོང་བའི་སྐབས་དེར། སུད་སི་དང་ལེཀ་ཊིན་སིཌ་སེར་ བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་ཕྱོགས་གཞན་ནས་ཕེབས་པའི་ཆོས་ཞུ་བ་དང་སུད་སིའི་ས་ཐག་རིང་ས་ནས་ཕེབས་པའི་ཆོས་ཞུ་བ་བཞུགས་སའི་དཀའ་ངལ་ཡོད་རིགས་ལ། ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཆེད་ས་གནས་བྷ་སེལ་རུ (Basel) ཚོགས་ཁང་ཞིག་གོ་སྒྲིག་ཞུས་ཡོད།  སྔ་དགོང་གི་ཞལ་ལག་དང་དགོང་མོ་གཅིག་གི་གཟིམ་ས་དང་གཟིམ་གདན་བཅས་ལ་རྒོར་༣༠དང་རང་ཁོངས་གི་ཚོགས་མི་ཡིན་ན་སྒོར་༢༥ཡིན།། 01.12.2014 མ་འགྱངས་པར་སུད་སི་དང་ལེཀ་ཊིན་སིཌ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་འབྲེལ་བ་གནང་རོགས། ཁ་པར་ཨང་།།་་་་0041 764180833 

སུད་སི་དང་ལེཀ་ཊིན་སིཌ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་དྲ་བ་ནས།

༄༅། །དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས། དཔལ་འབྱོར་ལས་ཁུངས་ནས་ ༢༠༡༤། ༡༠། ༩ ལ།  རྒྱས་པར་གཟིགས་་་

༄༅། །སྲིད་སྐྱོང་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པ་སྩལ་གཏན་འཁེལ་ཡོད་སྐོར་གསལ་བསྒྲགས་གནང་བ། རྒྱས་པར་གཟིགས་་་

༄༅། །སུད་སི་དང་ལིཀ་ཏེན་སིཌཡན་བོད་རིགས་མི་མང་ནས་གསོལ་འདེབས་ཞུས་པ་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང་ཚེས་ ༨ ཉིན་གཉིས་རིང་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མ་མཆོག་ནས་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཞལ་བཞེས་ཐོབ་ཡོད། རྒྱས་པར་གཟིགས་་་

༸གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ།  ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༦ ཉིན།

དོལ་ཚོགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་པར། བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་རྣམས་ཀྱིས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་དོན་བསྐྱར་ཞིབ་ཐོག་སྙིང་བསྡུས་ཟུར་འདོན་ཞུས་པ།  རྒྱས་པར་གཟིགས་་་

སྲིད་སྐྱོང་མཆོག་གིས་ཇར་མན་ཁུལ་དུ་གནས་སྡོད་བོད་རིགས་ཚོར་གསུང་བཤད་གནང་བ།  ༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཇར་མན་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་དོན། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱས་པར་གཟིགས་་

བོད་མིའི་སྒྲིག་འཛུགས་ཀྱིས་དོལ་ཚོགས་ངོ་རྒོལ་བ་ཚོའི་མིང་གཞུང་དྲིལ་བསྒྲགས་བྱེད་དགོས་པའི་གསལ་བཤད།  

༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།།   ༄༅། །དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཡུ་རོབ་སོགས་ནང་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད། སྐབས་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བོད་མི་དོལ་རྒྱལ་རྗེས་འབྲང་པ་  རྒྱས་པར་གཟིགས་་་

 རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མཁྱེན་རྟོགས་ཆེད་༸གོང་ས་མཆོག་ཨ་རི་དང་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་སྐབས་ངོ་རྒོལ་བྱེད་མཁན་བོད་རིགས་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་ངོ་སྤྲོད་གཤམ་གསལ།།  འདིར་ནོན༌༌༌

དོལ་རྒྱལ་རྗེས་འབྲངས་པར་རྒོལ་ལན་ནན་པོ་གཏོང་བའི་དུས་ལ་བབས་འདུག ཤར་ཕྱོགས་ཁུག་རྟ།

༢༠༡༣། ༡༢། ༢༨། ཉིན། བཀའ་ཆོས་སྐབས་༸གོང་ས་མཆོག་རང་གི་ཞལ་ནས་ཨ་རི་དང་རྒྱ་གར་གཞུང་གིས་དོལ་རྒྱལ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཆར་ཡོད་པའི་ཉེན་བརྡ་བཏང་བྱུང་ཕེབས་པ་ཐོས་འཕྲལ་ཡིད་སེམས་ལང་ལོང་འཁྲུགས་བཞིན་བྲིས།།  རྒྱས་པར་གཟིགས་་་

དོལ་རྒྱལ་བསྟེན་གསོལ་དེ་ཆོས་དད་རང་དབང་ཡོད་མེད་དང་འབྲེལ་བ་མེད།

དོལ་རྒྱལ་རྗེས་འབྲངས་པ་རྣམས་ཀྱི་བྱེད་བབ་འདིའི་རིགས་ནི་དངུལ་དངོས་ཀྱི་ཁེ་ཕན་ཁོ་ནའི་བསླུ་བྲིད་འོག་བོད་མི་ནང་ཁུལ་དཀྲུག་ཤིང་དང་། ༧གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨད་སྐུར་འདེབས་ཞུ་བ་སོགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་གྲོས་ཚོགས་ནང་གྲོས་ཆོད་བཞག་སོང་། རྒྱས་པར་གཟིགས་་་

དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱེད་དོན་གཙོ་བོ་ནི། བཀའ་སློབ་སྙིང་གི་ནོར་བུ་ལས་བཤུས།

༄༅། །དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་སྐོར་ ༡༩༧༨ ལོར་ངས་ཐོག་མར་དམ་བསྒྲགས་བྱས་པ་ནས་བཟུང་ད་ཆ་ལོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཡོད། དོལ་རྒྱལ་ནི་འདས་པའི་མི་ལོ་ ༣༤༠ ལྷག་ཙམ་རིང་རྩོད་གཞི་ཅན་དུ་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཞིག་ཡིན། དམ་བསྒྲགས་བྱེད་སྟངས་དེ་ཡང་མ་བརྟག་མ་དཔྱད་པར་རལ་གྲི་གནམ་གཡུག་ལྟ་བུའམ། གཞན་གྱི་ཟེར་རྗེས་སུ་ཞུགས་པ།  རྒྱས་པར་གཟིགས་་་

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།

༅༅། །སྲི་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར། ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར། བསྟན་འགྲོར་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན། འཕྲིན་ལས་ཀྱི་རོལ་མཚོ་རྒྱས། རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང་། གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས། བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ། ཆོས་སྲིད་ཀྱི་དཔལ་ཡོན་དར། ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར། བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱིས། བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས། ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག །།

པེ་ཅིན་དུ་ཡོད་པའི་རྒྱ་རིགས་སྣེ་ཤན་པ་ཞིག་གི་མིག་ནང་གི་བོད་རིགས།

ང་ནི་པེ་ཅིན་དུ་སྡོད་མཁན་ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་ཤན་པ་དཀྱུས་མ་ཞིག་ཡིན། ཉིན་ཤས་སྔོན་ངས་བོད་ནས་ཡིན་པའི་བོད་རིགས་ཁེ་གཙང་གི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་ཞིག་ལ་སྣེ་ཤན་བྱེད་རྒྱུའི་གོ་སྐབས་བྱུང་། པེ་ཅིན་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་རིང་ཁོང་ཚོས་ང་ལ་གཡོ་འགུལ་ཐེབས་པའི་བག་ཆགས་ཆེན་པོ་བཞག ངས་ཁོང་ཚོར་སྣེ་ཤན་མ་བྱས་གོང་། བོད་རིགས་མི་དམངས་ལ་མཐོང་ཚུལ་གང་ཡོད་པ་རྣམས་མང་ཆེ་བ་ནི། གློག་བརྙན་དང་། བརྙན་འཕྲིན་ནམ་ཡང་ན་མི་གཞན་གྱིས་ལབ་པའི་གནས་ཚུལ་ཐར་ཐོར་ལས་མཐོང་ཐོས་བྱུང་ཞིང་། ཕྱོགས་ཡོངས་ནས་བཤད་ན། བོད་རིགས་ནི་གཟུགས་པོ་མི་དཀྲུ་མཁན་དང་། ཀླ་ཀློ། རྒྱས་པར་གཟིགས་་་

དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་གྱི་རེད་ཅེས་བཀའ་ཕེབས་པ།

༄༅༎ཕྱི་ལོ་ ༢༠༡༣ ཟླ ༩ ཚེས་ ༢༢ ཉིན། སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་རྣམ་པ་གསུམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་བཅར་སྐབས། ༸གོང་ས་མཆོག་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དང་། དེ་འདྲ་ཞིག་ཡོང་བའི་གནས་སྟངས་བར་༸གོང་ས་མཆོག་གི་སྐུ་ཚེ་འདང་ངེས་ཤིག་ཡོང་ངེས་རེད། ཅེས་སྐལ་བཟང་གི་བཀའ་སློབ་ཕེབས་ཡོད་པའི་སྐོར། དེ་རིང་ཕྱི་ཚེས་༢༣ཉིན་གྱི་གྲོས་ཚོགས་ལས་རིམ་ནང་དུ་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་ཡོད། དབུ་མའི་ལམ་གྱི་སྲིད་ཇུས།

དུས་རབས་ཉེར་གཅིག་པའི་ནང་པ། བཀའ་སློབ་སྙིང་གི་ནོར་བུ་ལས་བཤུས།

༄༅། །དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་དེ། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང༌། དེང་དུས་ཀྱི་ཤེས་ཡོན་དེ་དག་ཆ་ཚང་བེད་སྤྱོད་བྱས་པའི་ཐོག་ལ་ནང་པ་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ ཡིན་པ་དེར་བརྟག་དཔྱད་བྱས། བསམ་བློ་བཏང༌། མྱོང་བ་ལ་བསྐོར་བའི་ཐོག་ཤེས་ནས་དད་པ་ཐོབ་པ་དེ་འདྲ་ཞིག་བྱུང་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་རེད། ང་ཚོའི་མང་ཚོགས་ཀྱིས་ཤེས་ཡོན་བསླབ་དགོས་པ་དང༌། དེང་དུས་ཀྱི་སློབ་སྦྱོང་བསླབས་ནས་ཤེས་ཡོན་ཅན་བྱེད་དགོས་ཞེས་བརྗོད་པ་ལྟར། ཆོས་དེ་ཡང་ཤེས་ཡོན་ཅན་གྱི་ནང་པ་ཞིག་བྱེད་དགོས་པ་ལས། ཤེས་ཡོན་མེད་པའི་ནང་པ་བྱས་ན་རྗེས་ལུས་རེད། ཚང་མས་ཨུ་ཚུགས་བརྒྱབ་རྩོལ་བ་བྱས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་དད་པ་ཞིག་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དྲངས་པའི་སྙིང་ རྗེ། དེ་འདྲའི་ནང་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།། 

 

Letzte Änderung: 01-03-2017

09:01 CEST

Herzlich willkommen auf Verein der Tibeter in Deutschland e.V. offizielle Homepage! Sie befinden sich auf der umfangreichsten Webseite zum Thema Tibet und Menschenrechte in deutscher Sprache.

Druckversion Druckversion | Sitemap

Satzung | Advertise with us! | Kontakt

© 2011 Verein der Tibeter in Deutschland e.V.